Author: samtenspeakstibetan

  • The Curse by Tenzin Gurmey (7:36)

    The Curse by Tenzin Gurmey (7:36)

    ཅོ་པ་ཅན་

    ཏོག་ཙམ་སྒུག་ཨ

    ཐང་ཆད་སོང་། གྲོད་ཁོག་ལྟོགས་སོང་། རྙོག་གྲ་འདྲ་བོ་མ་བཤད་དང་། ཀཱ་ཡེ།

    ང་ཚོ་དོམ་གྱིས་ཟ་འགྲོ་ཡི་རེད། content viral འགྲོ་ཡག་ཡིན་ཤག ཐབས་སྐྱོ་བོ་མ་བྱེད་དང་bro

    རི་སྒང་ལ་འཛེག་ཡག་ང་ཚོའི་ཁྲག་ནང་ཡོད་རེད། ཀ་ཡེ། 

    ཆོབ་འདྲ་བོ་མ་སླང་དང་། བོད་པ་རེད་བ། ང་ཚོ་ཤར་པ་མ་རེད་ད།

    ཁ་ཉུང་ཉུང་བྱེད། རྐང་པ་མགྱོགས་པོ་བྱེད། མ་གཞི་ནས་ང་ཚོ་འདི་ལ་ག་རེ་བྱེད་གར་བསླེབས་རེད་ཨ Europe lifestyleང་ཚོ་སྨྱོན་པ་བཟོ་ཡི་འདུག་ག phone bill གློག་ bill ཆུ bill བསམ་བློ་གཏོང་དང་། དེ་རིང་ཡོད་བ། ང་ཚོ་རི་ལ་འགྲོ་ཡག་འདི་འདུག་ག དོན་དག ང་ཚོ་ཚང་མ་ལ་ཚོད་ལྟ་བྱེད་ཡག་འདི་རེད། 

    ཡིན་ནའི་བསྟན་འཛིན་ནོར་རྒྱས་ཤར་པ་ལབ་ཡག་འདི་རི་སྒང་ལ་འཛེག་དུས་ཙམ་པ་ལ་tripod་འདྲ་བོ་དང་མོག་མོག་འདྲ་བོ་འཁྱེར་ཡོད་མ་རེད་ད་ཀ་ཡེ།

    Positive་འདྲ་བོ་བསམ་བློ་གཏོང་དགོས་རེད་ཀ་ཡེ། ང་ཚོ་ནང་པ་རེད་བ། དྲན་པ་མ་བརྗེད་མ་གཞི། ཨ་མ་ཀེ། fuck ལབ་\

    ངའི་བསམ་པ་by god་hiking་ལབ་ཡག་འདི་གོམ་པ་རྒྱག་ཡག་རེད་བསམས་སོང་ད་ཀེ ཡིན་ནའི་དཀའ་ལས་ཡ་ཡུད་འདུག་ཀེ ཇོ་བོ་རེད་

    ད་ངུ་མ་བྱེད་དང་། ག་རེ།

    ཇོ་ཇོ་ཏོག་ཙམ་སྒུག་ཨ། ང་གཅིང་པ་བཏང་ནས་སླེབས་དགོས། 

    སྦྱིན་པས་ང་མགོ་ན་བཅུག་གི་འདུག དངོས་གནས་ལབ་ས། རྗེས་མ་ང་ཁོ་སྐད་གཏོང་ཡག་མི་འདུག

    ཀ་ཡེ་ཕར་བལྟ་དང་། རྣ་བ་འགྲོ་ཡག་འདྲ་བོ་ཞིག་འདུག 

    སྙིང་རྗེ་མོ་འདྲ་བོ་འདུག་ཨོ། 

    ཀ་ཡེ། འདི་ག་རེ་རེད་ཀ་ཡེ། ད་སྐུ་མཁྱེན། འདི་doll་གཅིག་པུ་རེད།

    འགུལ་སྐྱོད་བཏང་སོང་། དཀོན་མཆོག་གསུམ་ལབ་ས། ཨི་འདྲས་ཡག་རྟགས་མ་རེད་ད་ཀ་ཡེ།

    ད་ག་སེ། ཞེད་བཅུག་སོང་། ཁྱོད་གོ་ཚོད་ཀྱི་མི་འདུག་བ་ཀ་ཡེ། འདི་ཡག་རྟགས་ཅིག་མ་རེད་ད་ཀ་ཡེ།

    ད་འདི་doll་གཅིག་པུ་རེད། འབེས།(hindi term, means “seriously”/emphasis)

    ཁྱེད་རང་གཉིས་རྒྱག་རེས་མ་རྒྱག་དང་། འདི་བལྟ་དང་། སྨྱོན་སེ། ཨོ་འདྲས་མ་བྱེད། ག་རེ་བྱེད་ཀྱི་ཡོད། འདུག་སེ་བྱས་ནས་ད། དབྱིན་ཇིའི་ལྟད་མོ་དེ་ཚོའི་ནང་མགོ་སེར་དེ་ཚོ་གང་འདྲས་སེ་ཤི་ཡི་འདུག ལག་པ་མ་འཆང་།

    ཀ་ཡེ། སྦྱིན་པ། བཀྲ་ཤིས་ག་པར། བཀྲ་ཤིས་བཀྲ་ཤིས་ངའི་རྒྱབ་ལ་ཡོད་རེད་བསམ་སོང་། གལ་ཡོད་མ་རེད། ཁོ་རག་འགྲོ་ཡི་རེད། ཀ་ཡེ་ང་ཚོའི་དཔེ་ཁུག་(bag)ག་པར། ངའི་bag་ལ། ངའི་bag་ནང་ལ་མོག་མོག་ཡོད་ཀ་ཡེ། སེམས་ཁྲལ་མ་བྱེད་དང་།

    ག་རེ་སེམས་ཁྲལ་མ་བྱེད་ད་རེད། ད་ལྟ་རང་ང་ཚོ་dollའདི་འགུལ་སྐྱོད་གཏོང་བ་དེ་མཐོང་མ་སོང་ཨ།

    ཨ་ནི་བལྟ་དང་། བཀྲ་ཤིས་ཡང་མཐོང་ཡག་མི་འདུག་ད་ལྟ། བཀྲ་ཤིས་ཁོ་ག་པར་འགྲོ་སོང་།

    ཀ་ཡེ་ག་པར་འགྲོ་ཡག་ཡིན།

    ཀ་ཡི་བསོད་ནམས།

    ང་ཚོ་ཞེད་བཅུག་སོང་། ཡག་རྟགས་ཅིག་མི་འདུག་ཀ་ཡེ། ཡག་རྟགས་ཅིག་མི་འདུག

    སྦྱིང་པ།

    ག་རེ་བྱེད་སོང་། ང་ཚོ་ས་ཆ་འདི་ད་གིན་རང་བསླེབས་ཚར་སོང་ད་ཀ་ཡེ། ང་ཚོ་ས་ཆ་འདི་ཤིང་སྡོང་འདི་ཐེངས་མ་གཉིས་སྐོར་ར་བརྒྱབ་ཚར་སོང་ད་ཀ་ཡི།

    ཨ། ང་ཚོ་ས་ཆ་འདི་ཐེངས་མ་གཉིས་བསླེབས་ཚར་རེད། ང་ཚོ་འདི། བསམ་བློ་གཏོང་བཅུག་དང་། 

    ག་རེ་བསམ་བློ། འདི་ཚང་མ་ཁྱོད་ཀྱི་ནོར་འཁྲུལ་རེད། གང་ཚང་། ཁྱོད་ལམ་ཀ་གང་ཚང་ཤེས་ཀྱི་ཡོད་ལབ་མེད།

    ང་ཤེས་ཀྱི་ཡོད་བསམ་སོང་། གོ་ཚོད་གི་མི་འདུག ག་པར་འགྲོ་དགོས་རེད། ཏོག་ཙམ་སྒུག་ཨ། ངས་སྒོམ་ཅིག་རྒྱག་དགོས། ཁྱོད་ཀྱིས་སྒོམ་རྒྱག་གི་རེད། ཁྱོད་ག་དུས་སྒམ་རྒྱག་གི་ཡོད། bro ང་ནང་པ་རེད་བ། ད་ཡར་ལངས་ཀ་ཡེ། གྲོད་ལུགས། མནའ་སྐྱེལ་ས། ཁྱོད་ཁ་ཆུ་ཐོན་བསྡད་འདུག་ben

    ཆོབ་འདྲ་བོ་མ་སླང་དང་། bro དཀའ་ལས་ཁག་བསྡད་ ཏོག་ཙམ་སྒོམ་རྒྱབ་བཅུག་དང་། ད་སྒོམ་བརྒྱབ་ཚར་སོང་།

    ད་འགྲིག་སོང་ད་ཀ་ཡེ། ད་གཞུ་ཡི་ཡིན་ད། འགྲོ་ད། ང་ཚོ་དེ་རིང་ག་རེ་མོ་དགོས་ག་རེ་ཡིན་ནའང་ང་ཚོ་གྲོགས་པོ་གསུམ། ང་ཚོ་གྲོགས་པོ་སྨྱོན་པ་གསུམ།

    ག་རེ་མོ་དགོས་ག་རེ་བྱེད་ནའི་ཁྱོད་གཉིས་ང་མཉམ་དུ་འདུག་ག ད་ག་རང་གི་im happy, ok.  ག་རེ་མོ་དགོས་ག་རེ་བྱུང་ནའང་ང་ཚོ་ཚང་མ་མཉམ་དུ་རེད་ད། ཡིན་ད།

    གང་ཡང་ཡོད་མ་རེད། ཀ་ཡེ། གཅིན་པ་བཏང་འདུག་ཁོ། ཡེ་ཤེས་ནོར་བུ། མ་གཞི་ནས་གང་ཚང་ཁྱོད་རེད་ད། ནོར་འཁྲུལ་གང་ཚང་དེ་རིང་།

    ང་། ངའི་ནོར་འཁྲུལ། གཅིང་པ་གཏོང་མ་ས་ལ་བཏང་བསྡད་འདུག ང་གཅིན་པ་སྒང་ལ་བཏང་ས།

    ཁོ་ད་གཅིན་པ་དེ་གོས་ཐུང་ནང་ལ་བཏང་འདུག ད་དེ་འདྲས་ཆོབ་མ་སླང་། འགྲོ་འགྲོ། dollསླེབས་ཀྱི་རེད་ད།

    ཡང་མེད་ན། ཡང་ཡང་བསྐྱར་བྲོས་དགོས་འཁེལ་གྱི་རེད་ད། འགྲོ་འགྲོ་འགྲོ། དེ་ལས་ད་ང་ཚོ་འདི་ནས་འཐོན་འགྲོ།

    འགྲོ་འགྲོ་འགྲོ། འགྲོ། ཀ་ཡེ། འདི་ལ་ཅིག་བལྟ་དང་།

    ཀ་ཡེ། ཨེན་འདྲས་གང་འདྲས་རེད། ཀ་ཡེ།wtf འདི་ད་chance་ཁོ་རང་ཡོད་མ་རེད་ད།

    མནའ་སྐྱེལ་ས། 

  • Tibetan habits བོད་པའི་གོམས་གཤིས། (1:46)

    Tibetan habits བོད་པའི་གོམས་གཤིས། (1:46)


    ང་ཚོ་བོད་པ་ཚོས། གཅིག བོད་པ་ཆུང་ཆུང་ཞིག་གི་སྐབས་ནས། རྦད། འབུ་མ་གསོད། སྙིང་རྗེ་གི་རེད་ཟེ་བྱས་ནས་བཤད་ཡག་གི་ང་ཚོར་གོམས་གཤིས་ཤིག་ཡོད་རེད། ཆུང་ཆུང་སྒང་ནས། ཨ་ནི། ང་ཆུང་ཆུང་སྐབས་ལ་མར་གི་སྐུ་འབུམ་ལ་ཡོད་དུས་ཙ་ནས། འདིར་ད་ལྟ་འདི་གཅིག་ཡོད་རེད། ཨེ་་་་་ལྷ་ཁང་ཞིག ངས་འདི་བར་ཕར། ང་དེ་དུས་ཕལ་ཆེར་ལོ་གསུམ་ཚོད་མིན་འགྲོ གསུམ་བཞི་ཚོད་མིན་འགྲོ ཆུང་ཆུང་རེད། ང་དེ་བར་ཕྱིན་པའི་ཁ་ཐུག་ལ། རྦད་པུ་གུ་དེ་འདྲས། གྲྭ་ཆས་གྱོན་བསྡད་པའི་ཆུང་ཆུང་དེ་འདྲས་གིས། ཨ་ནི་ཕྱག་འཚལ། ཕྱག་བཙལ། ཨ་ནི། ཨ་ར་པ་ཙ་བགྲང་གི ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཨ་ར་པ་ཙ་ན་དྷཱི་ཟེ་བྱས་ནས། ངས་ཀྱང་འདི་བགྲང་མྱོང་། ཨ་ནི་པུ་གུ་ཚོས་བགྲང་བསྡད་ཙང་། ངས་ཀྱང་དེའི་ལན་ཟློས་བྱས་བྱས། དོན་དག་གལ་ཤེས་ཀྱི་ཡོད་མ་རེད་པ། ཨ་ནི་ལན་ཟློས་བྱས་ནས། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཨ་ར་པ་ཙ་ན་དྷཱི་ཟེ་བྱས་ནས། ངས་ཆུང་ཆུང་སྒང་ནས། ད་གང་ལྟར་ང་ཚོ་བོད་པའི་གོམས་གཤིས་ཤིག་རེད་འདུག་ག འབུ་མ་གསོད། གཅིག གཞན་ཕན་གྱི་བློ་སྒྲུབ་ཟེར་ཡག་ཅིག་དང་། རྗེ་བཙུན་འཇམ་དཔལ་དབྱངས། གཞོན་ནུའི་ཆ་ལུགས་འཆང་བ་པོ། ཤེས་རབ་སྒྲོན་མེ། འཇིག་རྟེན་གསུམ་གྱི་མུན་སེལ་བ་ཟེ་བྱས་ནས། ང་རང་ཚོའི་བློ་ཡི་སྐྱོན་གྱི་རིགས། གཅིག མ་རིགས་པའི་དབང་གིས་བྱུང་བའི་བློ་ཡི་སྐྱོན་འདི་གད་དེ་ཚང་མ་ལོ་ཕར་སེལ་ཡག་གི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ད་བྱིན་རླབས་ཡོང་ཡག་ཟེར་ཡག་ཅིག ང་ཚོ་བོད་པ་ཚོ་ཆུང་ཆུང་སྒང་ནས་གོམས་གཤིས་ཡོད་བསྡད་པ་ཞིག་རེད་འདུག་ག དེ་ང་ཚོ་བསྐལ་པ་བཟང་པོ་རེད། ད་་་་ད་ང་ཚོ་མི་རབས་གསར་པ། འདི་ནས་ཚུར་ལུང་པ་གསར་པ་ལ་སླེབས་ནས་ཡོང་ནས་ང་རང་ཚོ་བོད་པའི་ཡ་རབས་ཀྱི་གོམས་གཤིས་འདི་གད་འདི་ནམ་ཡང་བརྗེད་དུ་རྒྱུ་ཡོད་མ་རེད། 

  • Where does life begin མི་ཚེའི་འགོ་གང་ནས་བཙུགས་པའི་སྐོར། (1:01)

    Where does life begin མི་ཚེའི་འགོ་གང་ནས་བཙུགས་པའི་སྐོར། (1:01)


    མིའི་བདེ་སྐྱིད་ཟེར་ཡག་འདི། འགོ་ཚུགས་ཡག་དེ་ཨ་མའི་ཁོག་པའི་ནང་ནས། ང་ཚོ་མར་སྐྱེས་ནས། ཨ་ནི་ཨ་མས་འོ་མ་སྦྱིན་པའི་ཐོག་ནས་ང་ཚོ་མི་ཚེ་འདུག་ཟེ་འགོ་ཚུགས་པ་རེད། བྱས་ཙང་ཀ ཨ་མའི་བྱམས་བརྩེའི་འོག་ནས་ང་ཚོ་མི་ཚེ་འདི་འགོ་ཚུགས་པ་རེད། བྱས་ཙང་ཀ ད་གང་ལྟར་ང་ཚོའི་མི་ཚེ་གང་པོ་འདི། ཨ་མའི་བྱམས་བརྩེའི་འོག་ནས་བདག་པོ་སྐྱོན་བཞག་པ། ད་འདི་གིས་ང་རང་ཚོའི་ཚོར་བ་དེ་མ་ཉམས་པར་བྱས་བྱས། གང་ལྟར་ཚེ་རབས་ནས་ཚེ་རབས། དེ་མེད་ན་ཡང་། མི་ཚེ་འདི་གའི་ནང་ལ་ཡ་ང་རང་ཚོ་ཚང་མ་ལོ་སེམས་པ་བཟང་པོར་བྱེད་ཡག་དེ་དཔེ་གལ་ཆེན་པོ་རེད་ཤག ཆོས་ཁས་བླངས་ནའི་རེད། ཆོས་ཁས་མ་བླངས་ནའི་སེམས་པ་བཟང་པོ་བྱེད་དགོས་ཡག་འདི་ཞེ་པོ་ཞིག་གལ་ཆེན་པོ་རེད་འདུག་ག 

  • Why Tibetan language is important to Buddhism (1:35)

    Why Tibetan language is important to Buddhism (1:35)


    སྐད་ལ་ཆ་བཞག་ན། འཛམ་བུ་གླིང་འདིའི་སྒང་ལ་སྐད་མི་འདྲ་བ་སྟོང་ཕྲག་ཡོད་རེད། འདི་བོད་སྐད་རྐྱང་རྐྱང་རེད་འདུག་ག རེད་ད། ཚད་མའི་འགྲོ་སྟངས་འདི་ཏག་ཏག རྦད། ཚིག་ཕ་གིར། ག་རེ་ཟེར་དགོས་རེད། ཕར་གིར་རྦད་ཇི་མ་ཇི་བཞིན། ཕར་གིར་བརྗོད་པ་སྒྲ་དག་པོར་བྱས་ནས། གསལ་པོར་བྱས་བཤད་ཐུབ་ཡག་དེ་བོད་སྐད་གཅིག་པོ་རེད་ཤག བྱས་ཙང་འདི་འདྲས་ཟེ་བསམ་བློ་བཏང་ཡོང་དུས། ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ཕྱོགས་གཅིག་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་པ་ཞིག་རེད་ལ། སྐད་ཡིག་འདི་ཡས་རིགས་ལམ་སངས་རྒྱས་པའི་ཆོས་ཡོངས་སུ་རྫོགས་པ་འགྲེལ་བཤད་རྒྱག་ཡག་གི་སྐད་དེ་བོད་སྐད་རྐྱང་རྐྱང་རེད་མ་གཏོགས། སྐད་ཡིག་གཞན་དག་ཅི་ཡང་ཡོད་མ་རེད། ལེགས་སྦྱར་སྐད་ནི། ད་མཁས་པ་འགའ་ཤས་ཀྱིས་བེད་སྤྱོད་བྱེད་ཡག་མ་གཏོགས་ཡོད་མ་རེད་པ། བྱས་ཙང་འདི་འདྲས་ཡིན་དུས། འདི་གད་འདུག་ཟེ་བསམ་བློ་བཏང་ཡོང་དུས་ང་རང་ཚོ་བོད་པའི་མི་རིགས་ཀྱི་སྐད་ཡིག ཨ་ནི་ལོ་སྟོང་ཕྲག་རིང་ལ་ཡ་སངས་རྒྱས་པའི་ཆོས་ལ་ཡ། ང་ཚོ་དངོས་གནས་རང་། གཅིག་་་་འཛིན་སྐྱོང་སྤེལ་གསུམ་བྱེད་ཡག་འདི་གད་འདི། དངོས་གནས་དྲང་གནས་ཀྱི་རླབས་ཆེན་རེད་ཤག ཨ་་་་ད་སློབ་ཚན་གཞན་དག་ནང་ལ་ང་ཚོ་བོད་ཡིག་ཡར་རྒྱས་འགྲོ་ཡག་གི་གོ་སྐབས་བྱུང་ཡོད་མ་རེད། འོ་ད་སངས་རྒྱས་པའི་ཆོས་དང་འབྲེལ་བསྡད་པ། ལྟ་གྲུབ་དང་འདི་གད་དེའི་རྣམ་གཞག་ནང་ལ་བོད་ཡིག་འདི་བོད་སྐད་འདི་ཡར་རྒྱས་འགྲོ་ཡག་གི་གོ་སྐབས་བྱུང་པ་རེད། ལེགས་སྦྱར་གྱི་སྐད་ཡིག་དང་མཉམ་པར་བྱས་ནས་འགྲོ་ཐུབ་མཁན་གྱི་སྐད་ཡིག་ཅིག་ཆགས་བསྡད་པ་དེ་ང་ཚོ་བོད་པའི་གཟི་བརྗིད་རེད། ཤེས་སོང་ང་། ང་ཚོ་སྤོབས་པ་སྐྱེ་ཡག་ཅིག་རེད་ཤག འདི་ང་གཞོར་འཕྲོས་ཡིན།

  • Melody Prayer རོལ་ཆའི་སྨོན་ལམ། – JJI Exile Brothers

    Melody Prayer རོལ་ཆའི་སྨོན་ལམ། – JJI Exile Brothers

    ང་ཚོས་བཏང་བའི་གླུ་གཞས་འདི་ནི།

    ང་ཚོས་བཏང་བའི་གླུ་གཞས་འདི་ནི།
    བོད་རིགས་ཚང་མ་བཙན་བྱོལ་ཡིན་པ།
    རང་ཡུལ་རང་ལ་དགོས་པ་ཡིན་ནོ།
    འཛམ་གླིང་ཡོངས་ལ་གནས་ཚུལ་ཁྱབ་དགོས།

    མཛུབ་གུའི་རུས་གོག་ན་ཚ་བཏང་བ།

    མཛུབ་གུའི་རུས་གོག་ན་ཚ་བཏང་བ།
    མིད་པ་ཚང་མ་ཤིན་ཏུ་སྐམ་པ།
    ཀླད་པའི་གཏིང་ཏུ་བཞུ་དམར་འབར་བ།
    སྙིང་གི་གཏིང་དུ་ཚེར་མ་ཟུག་བ།

    འོ་་་་་གསན་དང་།
    རོལ་དབྱངས་གང་འདྲ་འདུག
    ང་ཚོས་བཏང་བའི་གླུ་འདི་གང་འདྲ་འདུག

    ང་ཚོས་བཏང་བའི་རོལ་དབྱངས་འདི་ལ།

    ང་ཚོས་བཏང་བའི་རོལ་དབྱངས་འདི་ལ།
    སེམས་ལ་གཟུགས་པོ་གང་འདྲ་འདུག་བས།
    དགའ་དང་སྡུག་པོ་གང་གི་འདུག་བས།
    ལྟོ་གོས་མི་ཚེ་ཁག་པོ་འདུག་བས།

    འོ་་་་་གསན་དང་།
    རོལ་དབྱངས་གང་འདྲ་འདུག
    ང་ཆོས་བཏང་བའི་གླུ་འདི་གང་འདྲ་འདུག

    ང་ཚོའི་ངོས་ནས་རོལ་ཆའི་སྨོན་ལམ།
    བོད་དེའི་རང་བཙན་ཚང་མ་ཡིན་ནོ།

  • WIKITONGUES: Tenzin speaking Tibetan (1:12)

    WIKITONGUES: Tenzin speaking Tibetan (1:12)


    ཨ་་་་་་བཀྲ་ཤིས་བདེ་ལེགས། རེད་ཨ། ངའི་མིང་ལ་བསྟན་འཛིན་བྱང་ཆུབ་ཡིན། ཨ་ནི་ང་ཨ་རིར་སླེབས་ནས་ལོ་གཅིག་འགྲོ་གི་ཡོད། རེད་པ། ཨ་ནི། དེ་རིང་ད་ལྟ་Rubin Museumགིས། ད་འདིར་a street fair འདྲ་པོ་ཞིག་ཚོགས་འདུག་ག འདི་ལ་ང་རང་རྐང་བཙུགས་ནས་བོད་ཆས་གྱོན་ནས་སླེབས་ཡིན། རེད་པ། འདིའི་རྒྱུ་མཚན་ག་རེ་ཡིན་ལབ་ན། སོ་སོའི་རིག་གཞུང་། ང་རང་བོད་པ་ཡིན་པ་ཙམ་གྱིས། མི་འདུག་གས། ང་རང་གིས་ག་རེ་ཚོར་གྱི་འདུག་ལབ་ན། ང་རང་སོ་སོ་གི་རིག་གཞུང་གི་ཆོལ་ཁ་དང་། ད་ག་རེ་ཡིན་ནའི་དུག་ལོག་དང་སྐད་ཡིག་དང་། འདི་ཚོ་མི་ལ་སྟོན་ཡག་བྱས། རེད་པ། མི་གཞན་པ་ཧ་གོ་ཡག་གལ་ཆེན་པོ་རེད་བསམ་གྱི་འདུག རེད་པ། ག་རེ་བྱས་ནས་ལབ་ན། གལ་སྲིད། ང་རང་ཚོའི་ལུང་པ་རང་བཙན་ཡོད་མ་རེད་པ། ང་རང་ཚོའི་ལུང་པ་རང་བཙན་མེད་དུས་ཙམ་པ་ལ། ཨ་ནི་ང་རང་ཚོའི་དུག་ལོག་དང་འདི་ཚོ། ང་རང་ཚོ་གིས་མ་སྟོན་ན། ཨ་ནི། ག་ལེ་ག་ལེ་འདི་མེད་པར་ཆགས་ཀྱི་རེད་བསམ་གྱི་འདུག རེད་པ། འོ་འདི་བྱས་ནས། ང་རང་དེ་རིང་རྐང་བཙུགས་ནས་ང་རང་ཕྱུ་པ་དང་པང་གདན་འདི་ཚོ་གོན་བྱས་མི་ལ་ང་རང་གང་མང་མང་འགྲེལ་བཤད་ཡང་རྒྱག་གི་ཡོད། རེད་པ། ང་བོད་པ་ཡིན་ལབ་ནས། ཨ་ནི་ང་བོད་པ་བོད་ནས་ཁམས་ལི་ཐང་ནས་ཡིན། རེད་པ། ཡིན་ནའི་ང་རྒྱ་གར་ལ་སྐྱེས་རྒྱོག་ཡིན། རྒྱ་གར་ལ་འཚར་རྒྱོག་ཡིན། ཨ་ནི་སྐད་ཡིག་འདི་ཚོ་ཚང་མ་ང་ཚོ་གིས། ཨ་ནི་བདག་པོ་བརྒྱབས་ནས། གང་ལབ་དགོས་རེད། གང་མང་མང་བཤད་ཡག་གལ་ཆེན་པོ་རེད་བསམ་གྱི་འདུག བཤད་ན། ཨ་ནི་མི་གཞན་པ་དེ་ཚོས་ཧ་གོ་བྱས་ང་རང་ཚོ་གི་རིག་གཞུང་དང་ག་རེ་ཡིན་ནའི་འཕེལ་རྒྱས་འགྲོ་གི་རེད་པ། ང་རང་འོ་འདྲས་བསམ་གྱི་འདུག་ལགས། ཐུགས་རྗེ་གནང་། དཔེ་ཡག་པོ་བྱུང་སོང་། ཧེ་ཧེ་ཧེ། དངོས་གནས་ལབ་དང་། དཔེ་ཡག་པོ་བྱུང་སོང་། 

  • Stories of Tibetans | V-log (5:25)

    Stories of Tibetans | V-log (5:25)

    ད་རིང་གཟའ་སྤེན་པ་རེད། གནམ་གཤིས་འདི་ལྟ་དང་། ཆར་དུས་ཀྱི་གྲ་སྒྲིག་བྱེད་ཀྱི་འདུག ཡིན་ནའི་ད་རིང་གནམ་གཤིས་འདི་བསིལ་པོ་ཞིག་འདུག ད་ལྟ་ཆུ་ཚོད་དགུ་པ་རེད་ཤག ང་ཞོགས་ཇ་བཟས་ཚར་ཚོད་ཅིག་ཡིན། ང་དང་ངའི་བཟའ་ཟླ་གཉིས་འགྲོ་ཡག་གི་གྲ་སྒྲིག་བྱས་པ་ཡིན། ང་རང་པར་རྒྱབ་ཡག་དང་བརྙན་ལེན་ཡག་ལ་དགའ་པོ་ཡོད་དུས། པར་ཆས་གསུམ་དང་འཐུང་ཆུ་ཞིག་འཁྱེར་ཡིན། 

    ང་ཚོ་འགྲོ་ས་འདི་ལ་ཡ། དམིགས་བསལ་མིང་མི་འདུག ཡིན་ནའི་དབྱིན་སྐད་ནང་ལ་ཡ་waterfallཟེ་ལབ་ཀྱི་འདུག གལ་སྲིད་རང་གིས་waterfallདེ་བོད་སྐད་ནང་ཤེས་ཀྱི་ཡོད་པ་ཡིན་པ་ཡིན་ན། འོག་ལ་མཆན་ནང་ལ་བྲི་རོགས་བྱེད་དང་། ང་ཚོ་ཧ་ལམ་ཆུ་ཚོད་གཉིས་ཚོད་ཅིག་གོམ་པ་རྒྱབ་པ་ཡིན། ངའི་མཉམ་དུ་ཨོ་རྒྱན་བྱས། ཀུན་གསལ། བུ་ཆུང་། དེ་ནས་ཀོ་ཀོ་ཡོད། 

    རི་ལ་འགྲོ་དུས་ངས་དུས་ཚོད་མང་ཆེ་བ་དེ་པར་རྒྱབ་ཡག་དང་བརྙན་ལེན་ཡག་ལ་བཏང་པ་ཡིན། མཚམས་མཚམས་ཤིང་ནགས་དཀྱིལ་ལ་འགྲོ་དུས། སེམས་ལ་ཡ་ལྷོད་ལྷོད་དང་བདེ་སྐྱིད་འབྱུང་གི་འདུག ཁྱེད་རང་ལ་ཡ་འདི་འདྲས་ཡོང་གི་འདུག་གས། མ་གཞི་ནས་ང་རང་དུས་རྒྱུན་དུ་མི་སྣང་བ་སྐྱིད་པོ་ཞིག་དང་ལྷོད་ལྷོད་ཅིག་ཡོད། ཡིན་ནའི་ནགས་གསེབ་ནང་ལ་ཚོར་བ་མ་འདྲ་བ་ཞིག་འདུག ལམ་དང་ཆུ་མིག་དང་མེ་ཏོག ད་ག་ནང་བཞིན་འབུ་རིགས་མང་པོ་ཞིག་མཐོང་བྱུང་། ལོ་མའི་སྒང་ལ་བབས་པའི་ཕྱེམ་ཕྱེམ་ལྷ་མོ་འདི་སྙིང་རྗེ་པོ་ཞེ་དྲག་འདུག 

    ང་ཚོ་waterfallལ་སླེབས་དུས། ཆར་པ་བབ་ཡག་འགོ་བཙུགས་སོང་། གནམ་འདི་གྲང་ཤུར་ཤུར་འདྲ་ཞིག་འདུག བྱས་ཙང་ང་ཚོས་ཇ་ཞིག་འཐུང་པ་ཡིན། དེ་ནས་རོགས་པས་འཁྱེར་ཡོང་པའི་ཞོ་ཁོག་མོག་མོག་དེ་བཟས་པ་ཡིན། ཡུད་ཙམ་ཞིག་ལ་ཆར་པ་དེ་ཆད་སོང་། རྒྱུག་ཆུའི་འགྲམ་ལ་ང་ཚོ་མིན་པའི་མི་གཞན་ཡང་མང་པོ་སླེབས་འདུག གཡས་གཡོན་ལ་དར་ལྕོག་ཡང་མཐོང་ཡག་འདུག ང་ཚོ་བོད་པའི་དར་ལྕོག་མཐོང་དུས་སེམས་ནང་ལ་ཡང་བདེ་སྐྱིད་ཅིག་ཡོང་གི་འདུག དེ་ཡིན་དུས། རང་ཚོའི་གཡས་གཡོན་ལ་དར་ལྕོག་མང་ཚོད་བཙུགས། ཐག་རིང་པོ་ཞིག་ནས་སླེབས་པའི་སྐབས་སུ་ཁང་པའི་ཐོག་དང་སྒེའུ་ཁུང་གི་ཕྱི་ལོགས་ལ་ཡ་དར་ལྕོག་མཐོང་དུས་ཕ་ཡུལ་དྲན་མཁན་འདྲ་བྱེད་ཀྱི། གནམ་གཤིས་ལ་བལྟས་ན་ཆུ་བརྒལ་ཡག་རེད་མི་འདུག བྱས་ཙང་། ང་ནི་ཆུ་བརྒལ་མེད། ཡིན་ནའི་ངའི་བཟའ་ཟླ་ཆུ་བརྒལ་སོང་། མ་ཟད་ངའི་རོགས་པ་བུ་ཆུང་ཡང་ཆུ་བརྒལ་སོང་། ང་ནི་གཡས་གཡོན་གྱི་ཡུལ་ལྗོངས་ལོངས་སུ་སྤྱད་པ་ཡིན། བྱིའུ་ཡང་འདྲ་མིན་མཐོང་སོང་།

    རྒྱུག་ཆུའི་སྒྲ་དེ་སྙན་པོ་ཞིག་དང་གཡས་གཡོན་གྱི་མཁའ་རླུང་དེ་གཙང་ང་ཞིག་འདུག གང་ལྟར་འདི་ལ་ཡ་ཡོང་བའི་ཡོང་རིན་ཆོག་ཤག ནང་ལ་ལོག་པའི་སྐབས་སུ་ལམ་ལ་ཆར་པ་སིམ་སིམ་ཞིག་བབས་སོང་། བྱས་ཙང་། ང་ཚོས་ཉེར་འགྲམ་གྱི་ཇ་ཁང་ཞིག་ལ་ཡ་ངལ་གསོ་བརྒྱབས་ནས་ཇ་ཞིག་འཐུང་པ་ཡིན། ངལ་གསོ་རྒྱག་པའི་སྐབས་སུ་གནམ་གྱི་འབྲུག་སྒྲ་ལ་ཡ་སྤྲིན་གྱིས་གར་འཁྲབ་པར་བལྟས་ནས་བསྡད་པ་ཡིན། ནང་ལ་སླེབས་དུས་དགོང་དག་ཁ་ལག་གི་དུས་ཚོད་ཟིན་ཚར་ཤག བྱས་ཙང་། kimbapཞིག་བསྲོས་ནས་བཟས་པ་ཡིན། ཁྱེད་རང་kimbapཟ་མྱོང་ཡོད་པས། ཡང་ན་ཁྱེད་རང་kimbapབཟོ་ཤེས་ཀྱི་ཡོད་པས། ད་རིང་ཉིན་མོ་འདི་སེམས་པ་སྐྱིད་པོ་ཞིག་དང་ལྷོད་ལྷོད་ཅིག་བྱུང་སོང་། 

    བརྙན་འདི་ལྟ་ཉན་ཚང་མ་ལོ་ལ་དགོང་མོའི་འཚམས་འདྲི་དང་བརྙན་འདི་གང་འདྲ་བྱུང་ཡོད་མེད། ད་ག་ནང་བཞིན་ཡར་རྒྱས་གཏང་དགོས་ཡག་ག་རེ་འདུག་གོ་ལབ་ཡིན། མཆན་ལ་བྲི་རོགས་བྱིས། རྗེས་མ་བརྙན་ཐུང་ན་ལ་ཡང་བསྐྱར་མཇལ་ཡོང་། ཁྱེད་རང་མ་འགྲོ་བའི་གོང་ལ་ཡ་Youtubeའདིར་subscribeགནང་རོགས། འོ་བྱས་པས། subscribeལ་ཡ་བོད་སྐད་ནང་ལ་ག་རེ་བྲི་གི་རེད། གཤམ་མཆན་ལ་ཡ་བཞག་རོགས་གནང་།